࿐ དེ་ཡང་ལྷོ་ཕྱོགས་ཙནྡན་ནགས་མོའི་ལྗོངས་ཞེས་ཡོངས་སུ་གྲགས་པ་དེར་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གིས་ ལྷ་
དང་བླ་མའི་ལུང་བསྟན་བཞིན་དུ་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་བཙུགས་གནང་བ་ནས་བཟུང་ ད་ཚུན་མི་ལོ་ ༤༠༠ ལྷག་ཙམ་གི་རིང་ མི་ཉམས་གོང་
འཕེལ་དུ་གནས་བཞིན་ཡོད་པ་གཞིར་བཅས་ དེང་སང་སའི་གོ་ལ་གཅིག་འགྱུར་གྱི་དུས་ལ་ འཕྲུལ་རིག་དང་ དཔལ་འབྱོར་ལ་སོགས་པའི་ ལམ་ཆེན་ཞིག་ཏུ་ 
 མདུན་བསྐྱོད་ཇེ་མགྱོགས་སུ་འགྲོ་བཞིན་པའི་སྐབས་ཀྱི་དུས་ཚོད་ངེས་ཅན་དང་བསྟུན་ གཞུང་གྲྭ་ཚང་ལྟེ་བའི་མཁན་སློབ་འདུས་ཚོགས་རིན་པོ་ཆེའི་ཞབས་ནས་ སྤྱིར་
སངས་རྒྱས་ཀྱི་བསྟན་པ་དང་ བྱེ་བྲག་དཔལ་ལྡན་འབྲུག་པའི་བསྟན་པ་ ཆོས་དང་ལམ་སྲོལ་བཟང་པོ་ཚུ་ འབྲུག་མི་ཀུན་གྱི་རྒྱུད་ལ་ ཡུན་བརྟན་དུ་གནས་པའི་ཆེད་
དུ་ ཕྱི་རྒྱལ་ ནུབ་ཕྱོགས་ཨཱས་ཀྲེ་ལི་ཡའི་གྲོང་ཁྱེར་ པཊ་ ལ་(ཁམས་གསུམ་ཟིལ་གནོན་འབྲུག་པའི་ལྷ་ཁང་) ཞེས་པའི་ཆོས་ཚོགས་གཞི་འཛུགས་གནང་ཡོད་པའི་
ཁར་ ༧ སྐྱབས་རྗེ་རིན་པོ་ཆེའི་ཞབས་ནས་ཀྱང་ བླ་མ་གསར་བསྐོས་གནང་སྟེ་ དམིགས་ཡུལ་ ས་གནས་ཀྱི་འབྲུག་མི་རྣམས་དང་ ལྷག་པར་དུ་ན་གཞོན་ཨ་ལུ་ཚུ་
ལུ་ འབྲུག་པའི་ཐུན་མོང་མ་ཡིན་པའི་ཆོས་དང་ལམ་སྲོལ་ ཁ་སྐད་རིག་གཞུང་ཚུ་མི་ཉམས་པ་བཞག་ཐབས་དང་ གཤིན་གསོན་གཉིས་ཀྱི་ དགེ་རྩ་རིམ་འགྲོ་སོགས་
ཆོས་ཕྱོགས་ཀྱི་མཛད་སྒོའི་དཀའ་ངལ་སེལ་ཐབས་སུ་དམིགས་ཏེ་གནང་ཡོད་པ་དེར་ ཆོས་ཚོགས་ཀྱི་བཀོད་ཚོགས་འཐུས་མི་རྣམས་ནས་ ད་ལྟོ་ཚུན་ ལྷག་བསམ་རྣམ་
དག་གི་སྒོ་ལས་རྒྱུ་འབུངས་ག་ཅིའི་ཐད་ལས་འབད་རུང་ ཕྱག་དང་ཞབས་ཏོག་ཞུས་དང་ཞུ་བཞིན་པར་ཡིད་རངས་དང་བཅས་ ད་ལས་ཕར་རྒྱུན་མཐུད་དེ་ ཆོས་ཚོགས་
དང་འབྲེལ་བའི་རྩིས་ཁྲ་དང་ ལས་འགུལ་གྱི་གྲུབ་འབྲས་སྙན་ཞུ་གང་ཡང་ གཞུང་གྲྭ་ཚང་ལྟེ་བར་ཚུལ་མཐུན་འབུལ་དགོས་པ་དང་ འདི་ག་གཞུང་གྲྭ་ཚང་ལྟེ་བ་ནས་
ཀྱང་ འོས་བབ་དང་བསྟུན་པའི་ རྒྱབ་སྐྱོར་གྲོགས་རམ་ མུ་མཐུད་དེ་གནང་འོང་བ་བཅས་ རང་ལུགས་གནམ་ལོ་ ས་ཡོས་ ཟླ་ ༥ པའི་ ཚེས་ ༢༠ ལ་
གདན་ས་བཀྲིས་ཆོས་རྫོང་ནས་སྤྲེལ།
His Eminence Laytshog Lopen Sangay
His Eminence Laytshog Lopen Sangay

Message from the Patron

Support Khamsum Zilnon Drukpai Lhakhang

The construction of Khamsum Zilnon Drukpai Lhakhang (buddhist temple) will serve as a Spiritual and Cultural Centre for the Bhutanese community residing in Perth and Western Australia which in turn will benefit countless sentient beings to accumulate countless karmic merits in the process.

Just a small donation can make a lot of difference in accomplishing the project goal.

Let’s come together to support and complete this very worthy project.

You can offer or donate for this noble cause of Khamsum Zilnon Drukpai Lhakhang Construction, by using the bank details below –

Account Name: KZDL
BSB: 066-000
Account No.13190551
BIC/SWIFT Code: CTBAAU2S
Reference.: Drukpai Lhakhang